བོད་ཀྱི་སྒྱུ་རྩལ་མཐུན་ཚོགས།

སྒྱུ་རྩལ། རིག་གཞུང་། སྤྱི་ཚོགས།

Tibetan Arts Council

Art  | Culture | Community

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ནི་འཛམ་གླིང་གང་སར་གནས་པའི་་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་མཐུན་ཚོགས། རྒྱབ་སྐྱོར་བ་བཅས་ལ་གཅིག་མཚུངས་དང་ཡོངས་འདུས་རང་བཞིན་གྱི་མཐུན་ཚོགས་ཤིག་ཡིན། དེས་སྒྱུ་རྩལ་བ་སྐྱེད་སྲིང་དང་། གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་བྱ་བཞག་ལ་སྐུལ་འདེད། མཉམ་ལས་གོང་འཕེལ། རིག་གནས་བརྗེ་རེས་བཅས་ལ་རྒྱབ་སྐྱོར་རྒྱུས་སྟོན་དང་མཉམ་སྤྱོད་སྡིངས་ཆ་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད།

The Tibetan Arts Council is an open and inclusive global network of Tibetan and Tibetan-origin artists, collectives, and supporters. It serves as a shared platform and resource to support artists' creative development, amplify their work, and foster creative collaboration and cultural exchange.

འཆར་སྣང་།

འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བའི་མཐུན་ཚོགས་བརྒྱུད། བོད་ཀྱི་སྒྱུ་རྩལ་དང་རིག་གནས་ལ་དོན་སྙིང་ལྡན་པའི་གསོན་ཤུགས་བསྐྲུན་ནས་བོད་མིའི་སྤྱི་ཚོགས་དང་འགྲོ་བ་མི་སྤྱི་ལ་ཕན་པ་བསྒྲུབ་རྒྱུ།

Vision

We envision a future in which Tibetan art and culture remain vibrant forces of inspiration and meaning, both for the Tibetan people and for the benefit of humanity.

དགོས་དམིགས།

བོད་མི་དང་བོད་རིགས་སྒྱུ་རྩལ་བས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ལམ་བུ་སྙེག་པར་རམ་འདེགས་དང་། དེ་བཞིན་སྒྱུ་རྩལ་བའི་ངོ་མཚར་གཏམ་རྒྱུད་བརྒྱུད་ནས་འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་སྤྱི་ཚོགས་ནང་དོན་སྙིང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཞལ་ཁ་འབྱེད་རྒྱུ།

Mission

To support Tibetan and Tibetan-origin artists worldwide in their pursuit of creative excellence and empower them to tell their stories more widely, both within the exile community and on the global stage.

ཡིག་འབྲེལ་ཐོ་གཞུང་།

འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་་བོད་རིགས་སྒྱུ་རྩལ་བ་དང་། སྒྱུ་རྩལ་བའི་རུ་ཁག་དང་མཐུན་ཚོགས། རྒྱབ་སྐྱོར་བ། སྒྱུ་རྩལ་ལ་དགའ་མོས་གནང་མཁན་རྣམས་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཡིག་འབྲེལ་ཐོ་གཞུང་དུ་མཉམ་ཞུགས་གནང་རོགས་ཞུ། ལས་གཞི་འདིའི་དམིགས་ཡུལ་ནི་སྒྱུ་རྩལ་བ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དང་། སྒྱུ་རྩལ་བ་ཚང་མར་གཅིག་མཚུངས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་གྱི་གོ་སྐབས་ངོ་སྤྲོད་ཞུ་རྒྱུ། སྒྱུ་རྩལ་གྱི་ལས་རིགས་འདྲ་མིན་གཉེར་མཁན་བར་མཉམ་ལས་གནང་ཐུབ་པ་མ་ཟད་སྒྱུ་རྩལ་བའི་དགོས་མཁོ་ཅི་ཡོད་མ་འོངས་ལས་འཆར་གྱིས་ཁ་སྐོང་ཐུབ་པ་ཞུ་རྒྱུ་བཅས།

Join Our Mailing List

Join the Tibetan Arts Council Mailing List to connect with artists, artist collectives, and supporters worldwide. This initiative seeks to strengthen creative development, improve access to resources, encourage collaboration across and within disciplines, and shape future programming guided by the voices of Tibetan and Tibetan-origin artists everywhere.

Steering Committee
BHUCHUNG D SONAM
Writer and Editor of TibetWrites
TENZIN TSETAN CHOKLAY
Filmmaker and Co-founder of Drung
TENZIN PALDON
Editor in Chief, VOT
JAMYANG PHUNTSOK
Screenwriter and Filmmaker
NYIMA TSO
Writer
SHERAB WOESER
Regional Field Director, The Tibet Fund
TENZIN CHOKEY
Communications Director, The Tibet Fund
International Advisory Board 
SONAM DOLMA BRAUEN | Visual Artist
TENZIN CHOEGYAL | Musician
TSERING WANGMO DHOMPA | Writer 
TENZIN DORJEE (TENDOR) | Writer 
JANGBU | Writer 
TSERING YANGZOM LAMA | Writer 
TSERING PALJOR | Musician
KARMA PHUNTSOK | Visual Artist
PEMA RINZIN | Visual Artist
TASHI DHONDUP SHARZUR (TECHUNG) | Musician
TENZING SONAM | Filmmaker

རྒྱབ་ལྗོངས།

བོད་ཀྱི་ཐེབས་རྩས་ ༢༠༡༩ ནས་བཟུང་བོད་སྨྱུག་དཔེ་སྐྲུན་ཁང་དང་། སྒྲུང་བོད་ཀྱི་གློག་བརྙན་མཐུན་ཚོགས། ཁ་དོག་རི་མོའི་མཐུན་ཚོགས། བོད་ཀྱི་གཏམ་བརྗོད། རྩམ་པ་བོད་ཀྱི་གཞས་པའི་མཐུན་ཚོགས་དང་། དེ་བཞིན་སྒྱུ་རྩལ་བ་སྒེར་སོགས་ལ་རོགས་དངུལ་གནང་འགོ་བཙུགས་པ་རེད། ལས་གཞི་འདིའི་གཞི་རྩའི་དམ་བཅའ་ལྟར་སྒྱུ་རྩལ་ནི་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག་རིག་གཞུང་། ལྷག་པར ་དུ་མི་རབས་གསར་རྙིང་དབར་འབྲེལ་མཐུད་སོགས་གལ་འགངས་ཆེ་བའི་བརྒྱུད་ལམ་ཞིག་ཏུ་ངོས་འཛིན་དང་ཡིད་ཆེས་ཐོག་ལས་གཞི་འདི་སྤེལ་བཞིན་ཡོད།

དེ་བཞིན་ལས་གཞི་འདི་བརྒྱུད་ ༢༠༢༤ ལོའི་ཟླ་ ༡༡ ནང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་༼བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན།༽ལ་རོགས་དངུལ་ཕུལ་ཡོད་པ་རེད་ལ། དུས་སྟོན་དེའི་ནང་བོད་ཀྱི་རྩོམ་པ་པོ་དང་། གཞས་པ། རི་མོ་བ་སོགས་འདུ་འཛོམས་སྐབས་བོད་ཀྱི་ཐེབས་རྩ་ནས་སྒྱུ་རྩལ་པའི་དགོས་མཁོ་དང་མངོན་འདོད་ལ་རྒྱུས་ལོན་བྱེད་ཆེད་དམིགས་བསལ་གྲོས་སྡུར་གྱི་ལས་རིམ་དང་ཚོགས་འདུ་ཁག་ཁ་ཤས་ཚོགས་པ་རེད། སྒྱུ་རྩལ་བ་རྣམས་ཀྱིས་ཁོང་ཚོར་རོགས་སྐྱོར་དང་། སློབ་སྟོན་པ་མཚམས་སྦྱོར། སྒྲིག་འཛུགས་རང་བཞིན་གྱི་རྒྱབ་སྐྱོར། ལག་ལེན་ཐུབ་པའི་ཐབས་བྱུས། བོད་དང་རྒྱལ་སྤྱིའི་སྡིངས་ཆར་མངོན་གསལ་དོད་པོའི་ངོས་འཛིན་ཡོང་བའི་དགོས་མཁོ་སོགས་གསལ་སྟོན་གནང་བ་མ་ཟད། བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཤིག་ངེས་པར་དུ་འཛུགས་དགོས་པའི་སྤྱི་མོས་ཀྱིས་རེ་བ་ཤུགས་ཆེར་བཏོན་རྗེས། བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་སྒྱུ་རྩལ་མཐུན་ཚོགས་བཙུགས་ནས་རོགས་དངུལ་དང་། སློབ་སྟོན་པ་མཚམས་སྦྱོར། མཉམ་ལས། ཕན་ཚུན་འབྲེལ་མཐུད་སོགས་འབད་བརྩོན་ཞུས་མུས་ཡིན།

Background

Since 2019, The Tibet Fund has supported individual artist projects, exhibitions, and artist groups such as Drung Tibetan Filmmakers Collective, TibetWrites, Khadhok Tibetan Artists Collective, Tibet Theatre, and TSAMPA under our Contemporary Arts Program. This program is grounded in the belief that contemporary art is a vital vehicle for cultural identity, language, and cohesion for Tibetans worldwide, especially youth, and will be increasingly critical for future generations.

In November, 2024, The Tibet Fund co-organized and funded the first Tibetan Artists Festival in Dharamsala, bringing together dozens of writers, musicians, painters and performing artists from across the globe. To better understand the needs and aspirations of the artist community, workshops and focus groups were held at which all participants endorsed forming a Tibetan Arts Council, to be incubated and supported by The Tibet Fund until it can sustain itself. A Steering Committee and International Advisory Board were established, and the Council invites Tibetan and Tibetan-origin artists around the globe to join its mailing list for announcements and updates about opportunities for funding, mentorship, collaboration, networking, and more.